>སྤྱི་ལོ་༢༠༠༨ ལོའི་ཟླ་༡༠ པའི་ཚེས་༢༤ཉིན།ངས་དགའ་སྤྲོ་དང་བཅས་སྤྱི་ལོ་༢༠༡༡ ལོའི་བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱ་ཞིག་དབུ་འཛུགས་བྱས་ཡོད། དྲ་རྒྱ་འདི་སྤྱི་ལོ་༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་དམིགས་ཚད་དང་ལྡན་པ་ཞིག་འཚོལ་ཆེད་དང༌། སྔོན་འགྲོའི་འོས་འདེམས་གང་ལེགས་ཡོང་པར་འགོ་བཙུགས་པ་ཞིག་ཡིན།
གསར་འགོད་གསལ་བསྒྲགས་ཐེངས་དང་པོ་དེ་སྤྱི་ཟླ་དགུ་པའི་ཚེས་གཉིས་ཉིན་བསྐྱངས་པ་ཡིན། དེའི་རྗེས་ཀྱི་བདུན་ཕྲག་ཁ་ཤས་ནང་ང་ཚོས་ལས་གནས་འདིར་ཧ་ལས་པའི་དོ་སྣང་དང་རྔམ་ཚོར་ཆེན་པོ་སྐྱེས་ཡོད་པ་ར་འཕྲོད་བྱུང༌། བཀའ་བློན་ཁྲི་པའི་འོས་དམིགས་ཀྱི་སྔོན་འགྲོའི་འདེམས་སྒྲུག་གི་བསམ་བློ་འདིར་མི་མང་པོ་ཞིག་གིས་དགའ་བསུ་དང་ངོས་ལེན་གནང་སོང༌། ད་བར་འདིའི་ཐད་མི་མང་གིས་ལས་འགན་འདི་ཧ་ལས་པའི་རེ་བཟང་ཕུག་བཅོལ་གྱིས་དགྱེས་བཞེས་གྱི་ལན་འདེབས་བྱུང༌། བཙན་བྱོལ་དུ་ཡོད་པའི་བོད་མི་མང་པོ་ཙམ་མིན་པར་བོད་དུ་བཞུགས་པའི་བོད་མི་རྔམ་ཚོར་ཅན་གང་མང་ཞིག་གིས་དེ་ལ་རྗེས་སུ་ཡི་རངས་བྱས་སོང༌། མི་མང་གི་ལན་འདེབས་འདི་ལ་བརྟེན་ནས་ང་དགའ་ཚོར་དང་ལས་འགན་ཇེ་ཆེར་སོང་བའི་ཚོར་སྣང་ཡང་སྤྲད་སོང༌།
སྤྱི་ཟླ་དགུ་པའི་ཚེས་གཉིས་ཉིན་གསལ་བསྒྲགས་བྱས་པ་ལྟར། མ་འོངས་པའི་བཀའ་བློན་ཁྲི་པའི་འོས་འགན་དེ་ཤིན་ཏུ་ལྗིད་པོ་ཞིག་ཡིན་པ་ལྟར། མི་སྒེར་སུ་འདྲ་ཞིག་ཡིན་ཡང་དེ་ལ་དབུ་ཁྲིད་ཀྱི་བསམ་བློ་སྟོབས་ལྡན་ཡོད་མཁན་དང་ཤེས་འཇོན་ཕུན་སུམ་ཚོགས་པོ་ཡོད་ལ། དམིགས་རྒྱང་རིང་པོའི་འོས་དམིགས་མང་པོ་ཞིག་ཡོང་བར་འབོད་སྐུལ་ཞུས་པ་སྟེ། དེ་འདྲའི་དབུ་ཁྲིད་དེ་མ་འོངས་བོད་མིའི་ཛ་དྲག་པའི་གནས་སྟངས་གསལ་པོར་མཐོང་ཐུབ་མཁན་ཞིག་ཡིན་དགོས་ཀྱི་འདུག མ་འོངས་པའི་བཀའ་བློན་ཁྲི་པ་དེར་འཐབ་རྩོད་གསར་པ་མང་པོ་མུ་མཐུད་ནས་རྒྱུན་འཛིན་བྱེད་དགོས། ཁོའམ་ཁོ་མོར་བཀའ་ཁྲི་སྔོན་མ་ལས་ལྷག་པའི་འགན་འཁུར་ཐུབ་མཁན་ཞིག་ཡིན་དགོས་ངེས་རེད། དེ་འདྲ་ཡིན་ཙང༌། མ་འོངས་པའི་བཀའ་བློན་ཁྲི་པ་དེ་བོད་མི་ཚོས་ཕྱོགས་ཀུན་ནས་ཤེས་རྟོགས་བྱས་ཏེ་འདེམས་བསྐོ་བྱེད་རྒྱུར་རག་ལས་ཡོད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྤྱི་ལོ་༢༠༡༡ ལོའི་འདེམས་བསྐོའི་གོ་སྐབས་འདི་ང་ཚོས་གལ་གནད་ཆེན་པོའི་སྒོ་ནས་ངེས་པར་དུ་ལེན་ཐུབ་དགོས།
དེར་བརྟེན་ངས་དམིགས་བསལ་གྱིས་འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་བོད་རིགས་གཞོན་སྐྱེས་ཚོ་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་ལམ་འདིར་གནས་ཚུལ་ཤེས་ནས་མཉམ་ཞུགས་ལྷོད་མེད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
འདི་འདྲའི་གལ་གནད་ཆེ་བའི་དུས་འདིར་ང་ཚོས་དགོས་ངེས་ཅན་གྱི་འོས་དམིགས་མང་པོ་ཞིག་གང་ཐུབ་ཅི་ཐུབ་ཀྱིས་བཙལ་ནས་འདེམས་དགོས་ཀྱི་འདུག རང་ལག་ཏུ་ཡོད་པའི་འོས་འགན་འདི་ལ་བརྟེན་ནས་འོས་དམིགས་འོས་འཚམས་ཞིག་འཚོལ་རྒྱུ་ཙམ་མིན་པར། ཆེས་འོས་འཚམས་ཡིན་པའི་འོས་དམིགས་དེ་ཚོ་ང་ཚོའི་སྔོན་འགྲོའི་འོས་བསྡུའི་དུས་སྐབས་དེར་བགྲོ་གླེང་ཁྲོད་འཛུལ་ཞུགས་བྱེད་དུ་འཇུག་དགོས་ཀྱི་འདུག ང་ཚོས་འདི་ལྟར་དམངས་གཙོའི་སྒོ་ནས་འབད་བརྩོན་དང་ཚོད་ལྟ་བྱས་ཏེ་ང་ཚོས་ཡོང་རྒྱུའི་ཟླ་ངོ་སུམ་ཅུ་སོ་བཞི་ཡོད་པའི་དུས་སྐབས་འདིར་ང་ཚོས་རེ་འདོད་དུ་བཟུང་བའི་སྤྱི་ལོ་༢༠༡༡ ལོའི་བཀའ་ཁྲིའི་འོས་འདེམས་དེར་གསོན་ཤུགས་ལྡན་པའི་སྒོ་ནས་གནད་དོན་གང་མང་ཐོག་གོ་བསྡུར་བྱས་པ་དེ་བཞིན་དུ། འོས་དམིགས་སུ་སླེབས་པ་ཚོས་ཀྱང་ཕན་ཚུལ་བསམ་ཚུལ་བརྗེ་རེས་དང་ཁོང་ཚོར་དགོངས་ཚུལ་གང་ཡོད་ཞིབ་ཕྲའི་འགྲེལ་བརྗོད་གནང་ངེས་རེད།
བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱ་ཉཟླཟླཟླཕཐྲཁྱདྲབྲཕྲཀླསྲགྲམྲཁྱཕབྲསྲཀྲཏ འདི་སྒེར་གྱི་འཁུར་བླངས་པ་ཙམ་མ་གཏོགས། དེའི་རྒྱབ་ལོག་ཏུ་སྐུལ་སློང་བྱེད་མཁན་དམིགས་བསལ་ཚོགས་སྡེ་གང་ཡང་མེད། ངས་དྲ་རྒྱ་འདི་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ངའི་བློ་འཚབ་ཆེན་པོའི་ཐོག་ནས་བཙན་བྱོལ་བོད་གཞུང་འདི་བརྟན་པོའི་ཐོག་ནས་ཡར་རྒྱས་ཡོང་ཐབས་སུ་ང་ཚོས་ངེས་པར་དུ་བོད་མི་མང་པོ་ཞིག་འོས་འདེམས་འདིའི་ཁྲོད་འཛུལ་ཞུགས་སྔར་ལས་རྒྱ་ཆེ་རུ་གཏོང་དགོས་ཀྱི་འདུག་པ་དང༌། དེང་སྐབས་ཀྱི་འཕོ་འགྱུར་ཆེ་བའི་དུས་སྐབས་འདིར་འདོད་བློ་ཁེངས་པའི་མ་འོངས་བཀའ་བློན་ཁྲི་པ་རྩེ་ཕུད་ཅིག་སླེབས་ཏེ། སྤྱི་ལོ་༢༠༡༡ ནས་༢༠༡༦ བར་ང་ཚོར་དབུ་ཁྲིད་ཐུབ་མཁན་ཞིག་འཚོལ་འདེམས་བྱ་རྒྱུ་ནི་ང་ཚོའི་ཁ་ཚ་དགོས་གཏུག་གིས་དགོས་མཁོ་ངོ་མ་དེ་ཡིན།།
ཐུགས་རྗེ་ཆེ།
ཞེས་KT-2011 Initiative Team ཀྱིས།
This e-mail address is being protected from spambots, you need JavaScript enabled to view it







