ཕྱི་ལོ་༢༠༠༠ལོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེས་མི་མང་གིས་ཐད་ཀར་གཞུང་འཛིན་བཀའ་བློན་ཁྲི་བ་འོས་འདེམ་བྱེད་པའི་ལོ་རྒྱུས་ཀྱི་དུམ་མཚམས་ཤིག་ཕྱེ་སྟེ།ྋགོང་ས་མཆོག་དང་སྤྱི་འཐུས་ཀྱིས་བོད་མི་མང་གི་དབུ་ཁྲིད་བསྐོ་མི་དགོས་པར་དགོངས་བཞེས་གནང་བ་དང༌།དེ་བཞིན་ྋགོང་ས་མཆོག་གི་དགོང་ལོ་མཐོ་རུ་ཕྱིན་པ་མཉམ་ཏུ་བོད་ཀྱི་སྤྱི་ཚོགས་དེ་ལོ་རྒྱུས་ཀྱི་ཛ་དྲག་གི་དུས་སྐབས་ཤིག་ཏུ་སླེབས་ཡོད་པས།དུས་སྐབས་འདི་འདྲ་ཞིག་ཏུ།བོད་མི་རྣམས་འགོ་ཁྲིདཀྱི་ཉམས་མྱོང་ལྡན་ཞིང་ཕུགས་རྒྱང་རིང་པོའི་འཆར་སྣང་ཡོད་པའི་དབུ་ཁྲིད་འཇོན་ཐང་ཅན་ཞིག་ངེས་པར་དུ་དགོས་བ་ཡིན།
བཀའ་བློན་ཁྲི་བ་ཞེས་པའི་དྲ་རྒྱ་འདིའི་བསྒྲུབ་བྱ་ཅི་ཡིན་གཤམ་གསལ་ལྟར་སྙིང་བསྡུས་བྱས་ཆོག
- ལེགས་ཤོས་ཤིག་འཚོལ་པ། ལེགས་ཤོས་ཀྱི་ཆ་རྣམས་གསལ་བརྗོད་ཡོང་བར་ཐབས་ཤེས་བསྐྲུན་རྒྱུ། དྲ་རྒྱ་འདིས་བྱེད་ལུགས་འཕྲུལ་རིག་དང་བརྒྱུད་རིམ་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཡོང་བར་རེ་བ་བྱེད་ཅིང༌། དེའི་ནང་དུ་དབུ་ཁྲིད་ཀྱི་འཇོན་ཐང་ཚད་དང་ལྡན་པའི་མི་སྒེར་བ་རྣམས་བོད་མི་འོས་འཕེན་མཁན་རྣམས་ལ་ངོ་སྤྲོད་བྱ་ཐུབ།
- སྣ་ཚོགས་པ། ལྟ་ཚུལ་སྣ་ཚོགས་འདོན་པར་མཐུན་འགྱུར་བྱ་རྒྱུ། སྟབས་བདེ་དང་ངོ་འཕྲོད་བདེ་པོའི་གློག་གཟུགས་ཀྱི་བསྐྲུན་པའི་འོས་འདེམ་གྱི་སྡིངས་ཆ་འདིས་འོས་མི་ཚོར་བློ་སྟོབས་སྤེལ་ཏེ་བོད་མིའི་སྤྱི་ཚོགས་ནང་གི་བསམ་ཚུལ་འདྲ་མིན་སྣ་ཚོགས་མཚོན་པའི་ལྟ་ཚུལ་འདོན་པར་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན།
- རྒྱུ་མཚན་ལྡན་པའི་འདེམ་ཀ བོད་མིའི་འོས་འདེམ་པ་རྣམས་ལ་གནས་ཚུལ་མཁོ་གཏོང་བྱ་རྒྱུ། བཀའ་བློན་ཁྲི་བའི་དྲ་རྒྱ་ www.kalontripa.org ཟེར་བའི་གླེང་སྟེགས་འདི་བརྒྱུད་ནས་འོས་མི་ཚོས་ནུས་ཤུགས་ཡོད་པའི་སྒོ་ནས་སོ་སོའི་ལྟ་ཚུལ་དང་ཕུགས་རྒྱང་གི་འཆར་སྣང་མི་མང་ལ་གསལ་བསྒྲགས་བྱས་ཆོག་པ་མ་ཟད། བོད་མིའི་སྤྱི་ཚོགས་ཀྱི་གནད་དོན་འདྲ་མིན་གལ་ཆེ་ཁག་གཏམ་གླེང་ཡང་བྱས་ཆོག བོདམི་མངགི་གོ་རྟོགས་དང་གནད་དོན་ཁག་ཤེས་རྟོགས་གོང་འཕེལ་ཡོང་བ་དང་མཐའ་མའི་ཁོང་ཚོའི་མཉམ་ཞུགས་ཚགས་ཚུད་ཡོང་བར་གནས་ཚུལ་རྣམས་ཕྱོགས་གཅིག་ཏུ་སྒྲིལ་ནས་ངོ་སྤྲོད་བྱ་རྒྱུ་དང༌། འདིས་འོས་བླུགས་མཁན་ལ་གནས་ཚུལ་ངོ་འཕྲོད་པའི་ནུས་པ་གོང་མཐོར་བཏང་སྟེ། ལངས་ཕྱོགས་བརྟན་པོས་སྒོ་ནས་རྒྱུ་མཚན་ལྡན་པའི་ཐག་གཅོད་ཅིག་ཡོང་བར་བྱེད་པ་ཡིན།
- མི་མང་གི་མཉམ་ཞུགས་དང་ན་གཞོན་གྱི་ཆ་ཤས་ལེན་པ། མཉམ་ཞུགས་མང་ཤོས་ཡོང་བ་དང་ན་གཞོན་གྱི་ཆ་ཤས་ལེན་པར་ངར་ཤུགས་བསྐྱེད་པ། ང་ཚོའི་དམིགས་ཡུལ་ནི་སླེབས་ལ་ཉེ་བའི་བཀའ་བློན་ཁྲི་བའི་འོས་འདེམས་སྐོར་ལ་སྒུལ་ཤུགས་བསྐྲུན་ཏེ་ངར་སེམས་སློང་རྒྱུར་ཕན་ཐོགས་བྱ་རྒྱུ་ཡིན། ང་ཚོས་མཉམ་ཞུགས་ཀྱི་མི་འབོར་རྒྱ་ཆེན་པོ་ཞིག་ཡོང་བ་དང༌། ལྷག་པར་དུ་ན་གཞོན་རྣམས་འོས་གཞིར་དམིགས་འཛུགས་བྱེད་པ་ནས་འོས་འཕེན་ལ་རྒྱལ་སྐྱོར་བྱེད་པའི་བར་གྱི་ཆབ་སྲིད་ཀྱི་བརྒྱུད་ལམ་དུ་འཛུལ་ཞུགས་བྱེད་རྒྱུར་རེ་བ་བྱེད་ཀྱི་ཡོད།
Read next ལས་འགུལའདིའི་ས







